LyricFind Logo
LyricFind Logo
Profile image icon
Lyric cover art

PARTEX

Apple Music logo
Deezer logo
Spotify logo
Lyrics
ཨེ་བུ། ན་རོ་སླེབས་ཤག།
ཁོ་རེ་གསལ་སྒྲགས་སྟངས་ཤོག།
འཚང་ཀ་མིན་ད།
དང་པོ་བང་སྒྲིགས་ཤོག།
ཚ་བོ་ཡོད་ན། མོ་ལ་སྔོན་ལ་སྟངས་ཤོག། eh

ལག་པ་གཡོན་མའི་ uzi ཞིག་ཁྱེར་ནས་གལ་སྲིད།
ཚུགས་གུ། མ་སྡད་ན།
མདེའུ་ཁྱོད་ལ་ཐེབས་སྲིད། ཐེབས་ཐེབས་ཐེབས་ཐེབས་ཐེབས་ཐེབས་སྲིད།
འོ་དེ་དུས་ཐུགས་རྗེ་གཟིགས།

ཡིན་ནའང་། མེ་མདའ་སྐད་ཆ་རྒྱུན་ནས་དགའ་བོ་མེད།
སེམས་པ་འཚེ་མེད་ཞི་བའི་ལམ་རེད།
རྩ་བའི་བླ་མ་སོ་སོའི་ཡིད་ལ་དྲན།
བྱ་བ་གྲུབ་པས་འགྲོ་བའི་རིགས་ལ་ཕན།

མེ་མདའ་སྐད་ཆ་ངས་ནི་བཤད་དགོས་ཡ་མེད།
བྲིས་པས་གཞས་ཚིག་རྡུལ་ཕྲན་མཚོན་ཆ་རེད།
སྐད་ཅིག་འགྱུར་བ་ཡོད་ཙང་ཡིད་ཆེད་མེད།
བརྟན་པོ་དགོས་ན་ཁྱོད་ན་རོ་ལ་གསན།

ན་རོ་ལ་གསན། ན་རོ། ན་རོ།
ན་རོ་ལ་གསན། གོ་སོང་བས། གོ་སོང་བས།
ན་རོ་ལ་གསན། ན་རོ། ན་རོ།
ཁྱོད་ན་རོ་ལ་གསན། གོ་སོང་བས། གོ་སོང་བས།

འཕྱིན་ཚར་བའི་རྙོག་དྲ་དང་། འཆད་ཚར་བའི་འབྲེལ་བ།
ཚར་ཚར་བའི་སྐད་ཆ་དང་། ཕྲོལ་ཚར་བའི་བརྩེ་བ།
དུས་ཚོད་ག་ཚོད་གཟིམ་ཤག། wang'Oclock རེད།
Naro on the mic, big talks རེད།
རྫིག་པོ་བཤད་དགོས་ཡོད་ན། ཁོ་ལ་རྙགས་སུ་མེད།
བརྩེ་བ་སྒང་ལ། ཕོ་གསར་ liks རེད།
བཀྲག་པོ་ཡོད་ན། སྐུབ་དེ་སྤགས་ཅིག་རེད།
ཚ་ལུ་མའི་བུ་མོ་ཡིན་ན། དེ་ལས་ལྷག་མེད།

བཤད་བ་དེ་ཉོན། ཉོན་པ་དེ་བྱེད།
བྱེད་བ་དེ་སྟོན། སྟོན་ནས་མར་འཐོན།

རྒན་པ་སྐད་ཆ་བཤད་དུས། ཁ་བཙུམས་ནས་མར་སྡོད།
ཕོ་གསར་སྟག་ཡིན། ཤྭ་བ་མཐོང་ན་ངས་གསོད།
ཚད་གཞི། ཚོན་གཞི།
ཁྱད་པར་མེད་ཡིན་ནའང་། འདུ་ཤེས།
གཙང་མ་ཞིག་ཁྱེར་ནས་མི་ཚེ་དེའི་ནང་གོམ་པ་སྤོས་དུས།
ཁྱོད་བྱོན་སྲིད། ང་ gen Z
ལྟད་མོ་བལྟས་ནས་བསླེབས་ཡིན་ dragon Ball Z
རྡ་ས་ D-Town བསླེབས་བ་ཡིན།
མི་དགོས་མི་དགོས། སྐུ་ངོ་ལགས་ཀྱི་ཆབ་སྲིད།
སྙན་ངག་པ་ཡིན། ག་བ་འགྲོ་ན་ལས།
ལག་པར་སྨྱུ་གུ་ཡོད་བ་དེ་ངའི་གོམས་གཤིས།

ཨ། ག་རེ་ལབ་ཡིན། ག་རེ་ལབ་ཡིན།
Beat switch དགོས་འདུག་གས་ཁྱོད་ལ།
Okay

ཡིད་ཆེས་བྱེད་ས་རོགས་པ་མཛུབ་མོའི་གྲངས་ཀ་གང་།
ཐང་སྡིངས་སྒང་སླེབས་ཚར་ན།
ཤེས་ཀྱི་རེད་སུ་ཡིན་མིན།
ཤ་ཤིག་ཡུགས་ཚར་ནས་
ཧམ་པ་བྱེད་མཆོང་མཁན་ཚོ་ལ་
ང་ནི་རྩ་བ་ཉེ་ནས་དགའ་བོ་མེད།
ཐག་གཅོད་ཚར་རེད་
ཉེ་ཆར་སྐད་ཆ་ཁ་ཤེས་ཞིག།
དཔེར་ན་དང་ཤོས་དེ་བདེ་སྐྱིད་ཚེ་རིང་བྱས།
དེ་རྗེས་ལ་ཤ་བག་ལེབ། བོད་ནང་གི་བྱ་ནག།
G-tashi, k-Kush དང་ tnammy, tibchick དང་
རྐང་ཁ་ཤས་ཞིག།
བསམ་ཚུལ་བཤད་དགོས་བྱུང་ན་རྐང་ཁ་ཤས་ཞིག།
སྡུར་ཡ་འདོད་པ་ཡོད་ན་གདངས་ཁ་ཤས་ཞིག།
བཤད་ཡ་མང་པོ་མེད། སྤྲད་ཡ་མང་པོ་ཡོད། ཚར་ཁ་ཤས་ཞིག།

Straight outta Himalaya
ཞོགས་པ་ལངས་ནས་རྩམ་པ་ཟ་ཡ།
བོད་རིགས་སྤུན་ཟླ་ཡང་ side ལ།
སྐྱིད་པའི་ཉི་མ་དེ་ཡང་ཤར་ཡ།
མོ་ལ་དཀའ་ངལ་ 99
ང་ལ་ཐབས་ཤེས་ 69
དམག་ཆེན་གསུམ་པ་དེ་ཡང། སླངས་རྒྱུ།
མི་ཚེ་དོན་དག་ཡིན་ན། སུ་གང་ཞིག་ལ་མི་སྒུག། སྒུག།
སྐད་ཆ་གནག་པོ་བཤད་ན་སེམས་པའི་ནང་ཟུག།
དགོང་དག་སྟོང་པ་ཡིན་ན། ཁ་བཏུགས་ངས་བཙུགས།
ས་གཡོམ་རྒྱབ་བ་འཚོར་ན།
ན་རོ་སླེབས་འདུག།

WRITERS

Naro Real

PUBLISHERS

Lyrics © O/B/O DistroKid

Share icon and text

Share


See A Problem With Something?

Lyrics

Other

LyricIQ Analysis

Top Emotion

Sadness

Sentiment
Thumbsup Icon
Theme

Sexual

From This Artist