བསོད་ནམས་དར་རྒྱས། བོད་ཀྱི་གླག་རྒོད་རེད།
ལག་པའི་ཁུ་ཚུར་བཟོས་ན་ཁྱེད་ཚོ་གཟབ་གཟབ་བགྱིས།
འགོ་བཙུགས་ཚར་ན་བྲོས་ནས་འགྲོ་ས་ཁྱོད་ལ་ས་ཆ་ཞིག་མེད།
སྐེད་པ་འཆིང་བ་སྐེད་རགས་གསེར་ཊོ་ལ་གང་རེད།
བསོད་ནམས་དར་རྒྱས། ཁོ་ལ་ལྟོས་དང་།
ལག་པའི་ཁུ་ཚུར་བཟོས་ན་ཁྱེད་ཚོ་གཟབ་གཟབ་བགྱིས།
འགོ་བཙུགས་ཚར་ན་བྲོས་ནས་འགྲོ་ས་ཁྱོད་ལ་ས་ཆ་ཞིག་མེད།
སྐེད་པ་འཆིང་བ་སྐེད་རགས་གསེར་ཊོ་ལ་གང་རེད།
ཚོར་ཐ། ཨ་ཁུ་ Dana འི་ཁ་པར་ཐོན་ཐ།
ངོས་ལ་མགོན་པོ་དྲག་རྩལ་ནང་གི་གངས་སེང་ཚོ་དགོས་ཐ།
མཇིང་པའི་ཁ་བཏགས་དང་། ཐོན་སྐབས་འབྲོག་པའི་གླུ་དབྱངས་བཏང་།
སེམས་པ་བཟང་ཡང་། ལྡེང་ཆའི་སྒང་ལ་སྙིང་རྗེ་མི་གཏོང་།
ཁྱེད་རྣམས་པ་ཡིད་ཆེས་བྱོས། གདེང་ཚོད་ཡོད་ངའི་ b.j.j.
སྐར་མ་བཅོ་ལྔ་ཉི་ཤུ་རྩ་ལྔ་ངས་ཁྱོད་གདམས་ཁ་སྤྲད།
ལུས་བདེ་བོའི་བཀའ་དྲིན་དེ་གངས་ལྗོངས་ཀྱི་རྩམ་པ་རེད།
Bruce Buffer གསལ་སྒྲགས་བྱེད་ཚེ་གྲོགས་པོ་ཁྱོད་རང་ k.o. རེད།
བསོད་ནམས་དར་རྒྱས། ཁོ་ལ་ལྟོས་བྱས།

རྔ་བ་ sichuan ནས། གཡུ་སྒྲ་དང་པདྨ་རྡོ་རྗེས།
ཆོས་རྒྱལ་ལྷུན་གྲུབ། supernova ཚེ་དབང་བྱས།
བློ་གྲོས་རྒྱ་མཚོ། གཡུང་དྲུང་དང་རིག་འཛིན་གསུམ།
མཐོ་སྒང་ཧི་མ་ལ་ཡའི་སྒང་ནས་གངས་སེང་གི་སྒྲ་ཚོར་སོང་།
རྒྱ་གར་བསྟན་འཛིན་པདྨ་ལ་དྲིན་ཆེན་དངུལ་གྱི་རྟགས་མ།
Uk ནང་ལ་ཡོད་ལ། རིན་ཆེན་ griffiths-gola
Swiss དྲན་པ་བརྗེད་མེད་ལ་ muaythai ཡི་དབང་ལྡན་ལ།
མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད། ང་ཁ་བ་ཅན་གྱི་བོད་མི་རེ་ལ།
ཁྱོད་ས་སྒང་སླེབས་ན་ dagistan རེད།
མཛུབ་མོ་བཙུགས་བ་ན། a.k.a. max halloway
དྲིལ་བུ་རྡུང་ཚར་ན། བྲོས་ས་མེད། ཚར་ཚར་རེད།
ཤ་ཁྲག་རུས་པའི་སྟེང་ལ་ཡོད་རེད། jon bones jones