གླིང་བཞི་སྐོར་ནས་ཤར་བྱུང་།
ནགས་ཚལ་འགྲིམ་ནས་བབས་བྱུང་།
ཡིད་འོང་གི་གསེར་གྱི་ལ་སྦྲང་ཆུང་།
སྐྱེད་ཚལ་ལ་འགྲིམ་ནས་ལ་བབས་བྱུང་།
བྱིན་རླབས་ཀྱི་ཐུགས་རྗེ་ལ་ཉི་མ།
ང་ཚོ་ཡི་སྙིང་ནས་ལ་ཤར་བྱུང་།
མར་ལ་དངོས་གྲུབ་གནང་བྱུང་། བཀྲ་ཤིས།
སེམས་པ་སྐྱོ་གཅིག་སྐྱོ་གཉིས།
སངས་རྒྱས་བསྟན་པའི་ཞིང་དུ།
ཉི་མ་དེ་རིང་གསོན་པོར་བསྡད་པའི།
གདིང་ཚོད་མེད་ཀྱང་གཏན་དུ་སྡོད་ཐབས་སྒྲིགས་པ།
དེ་ལས་སྐྱོ་བ་མིན་འདུག ཨའ།
འཇིགས་སྣང་མེད་པའི་སྐྱིད་ཉལ། ཨའ།
སྡུག་བསྔལ་དྲག་པོའི་དངོས་རྒྱུ།
སྒོ་གསུམ་སྡིག་པའི་ལས་ལ་དགའ་བཞིན་སྤྲོ་བཞིན་སྤྱོད་པ།
དེ་ལས་སྐྱོ་བ་མིན་འདུག་ ཨའ།
རྩེ་འདི། རྩེ་འདི། གངས་རི་དཀར་པོར་བཅོལ་ཡོད།
རྒྱབ་འདི། རྒྱབ་འདི། བྲག་རི་འདི་ལ་བཅོལ་ཡོད།
རྒོད་ཕྲུག་ལ་བརྒྱ་ཡི་སྐྱིད་ཉལ་ལ་བརྒྱབ་ས།
མདུན་འདི་ལ་མ་ཕམ་གཡུ་མཚོར་ལ་བཅོལ་ཡོད།
ཤར་ཕྱོགས་ཀྱི་འཇའ་འདི། དར་ཚོན་སྣ་ལྔའི་འཇའ་རེད་།
ནུབ་ཕྱོགས་ཀྱི་སྐད་འདི། གཡུ་འབྲུག་སྔོན་མོའི་སྐད་རེད།
ལྷོ་ཕྱོགས་ཀྱི་གློག་འདི། མེ་ཕུང་དམར་པོའི་གློག་རེད།
བྱང་ཕྱོགས་ཀྱི་ཆར་འདི། བྱིན་རླབས་དངོས་གྲུབ་ཆར་རེད།
མར་ལ་དངོས་གྲུབ་གནང་བྱུང་། བཀྲ་ཤིས།
གླིང་བཞི་སྐོར་ནས་ཤར་བྱུང་།
ནགས་ཚལ་འགྲིམ་ནས་བབས་བྱུང་།
ཡིད་འོང་གི་གསེར་གྱི་ལ་སྦྲང་ཆུང་།
སྐྱེད་ཚལ་ལ་འགྲིམ་ནས་ལ་བབས་བྱུང་།
བྱིན་རླབས་ཀྱི་ཐུགས་རྗེ་ལ་ཉི་མ།
ང་ཚོ་ཡི་སྙིང་ནས་ལ་ཤར་བྱུང་།
མར་ལ་དངོས་གྲུབ་གནང་བྱུང་། བཀྲ་ཤིས།
མར་ལ་དངོས་གྲུབ་གནང་བྱུང་། བཀྲ་ཤིས།