གསུང་གི་བདུད་རྩི་བུ་རམ་འདྲ།
བཞིན་གྱི་དཀྱིལ་འཁོར་པད་མ་འདྲ།
འབྲུག་སྒྲ་རེད། རྔ་སྒྲ་རེད། མ་རེད་ད། མདུན་སྐྱོད་ཀྱི་གོམ་སྒྲ་རེད།
སྙིང་ཁ་ན། ཁྲག་རྩ་ན། མགྲིན་པའི་ནང་། སྐུ་ཡི་སྣང་བརྙན་ཁྱེད་ནི།
ཉེ་རིང་དབྱེར་མེད་བྱམས་སེམས་ཀྱིས་སྐྱོང་མཁན།
བསྙེན་བཀུར་ཞབས་ཏོག་ལས་གཞུག་དེ་བསྐྱལ་མཁན།
ལས་འདི་ཡི་ཁ་ལོ་གཅུན་ནས་བློས་གཏོང་མི་བྱས་ཡིད་ཆེས་གནང་མཁན།
ལས་འདི་ལ་ས་བོན་བཏབ་ནས་དཀའ་བ་ཡོད་ཚད་དང་དུ་བླངས་མཁན།
འདུན་པ་བཟང་། མོས་པ་བཟང་། ཤེས་རབ་བཀྲ། ཀུན་གྱིས་བསྔགས།
འགྲས་པ་མེད། འཁོན་པ་མེད། འཆབ་པ་མེད། འཚིག་པ་མེད།
ཁྲོ་བ་མེད། ཞེ་སྡང་མེད། གཏི་མུག་མེད། འདོད་ཆགས་མེད། གཡོ་སྒྱུ་མེད།
དགེ་བས་ནི་རབ་ཏུ་ཕྱུག་པས་ བཀྲ།